- Lyrics
- Album list
旦正才讓
-
牧羊女神
Lyricist:旦正才讓 Composer:阿柔公保加
ང་ཡི་འབྲོག་མོ་འབྲོག་གི་ལྷ་མོ་ལགས།། ཚེ་གཅིག་ཁྱིམ་ལ་བསུ་འདོད་སྐྱེས་བའི་ཁྱོད།། སྟོད་ཀྱི་རྫ་དང་སྨད་ཀྱི་ཁྱིམ་ན་ཡོད།། འཛུམ་ཆུང་ཞལ་རས་ང་ཡི་སེམས་ན་ཡོད།། ང་ཡི་འབྲོག་མོ་འབྲོག་གི་བདག་མོ་ལགས།། འབྲོག་ཕྲུག་ཡ་ཆུང་ཁོག་གི་མ་ཆུང་ཁྱོད།། གཡུ་དང་བྱུར་རུ་ཁྱོད་ཀྱི་ལུས་ན་ཡོད།། འདང་དང་བརྩེ་བ་ང་ཡི་སེམས་ན་ཡོད།། ང་ཡི་འབྲོག་མོ་འབྲོག་གི་སྲས་མོ་ལགས།། གཞས་ཆུང་གཏོང་བའི་ངག་གི་མེ་ཏོག་ཁྱོད།། གོས་དང་ཚ་རུ་ཁྱོད་ཀྱི་རྒྱབ་ན་ཡོད།། ཁྲེལ་དང་ཕྱི་ཐག་ང་ཡི་སེམས་ན་ཡོད།།
-
|